度母赞 二十一倍的温暖
རྗེ་བཙུན་སྒྲོལ་མའི་བསྟོད་པ་བཞུགས་སོ།།--མཁན་པོ་བསོད་དར་རྒྱས།
曲: 浮克
ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་ཀྱི་པདྨོ་ལ་བཏུད་དེ། །
ཕོངས་པ་ཀུན་ལས་སྒྲོལ་མཛད་པའི། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །
༈ ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །
ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །
སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། །
འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི། །
གེ་སར་བྱེ་བ་ལས་ནི་བྱུང་མ། །
ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །
གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ། །
སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། །
རབ་ཏུ་ཕྱེ་བའི་འོད་རབ་འབར་མ། །
ཕྱག་འཚལ་སེར་སྔོ་ཆུ་ནས་སྐྱེས་ཀྱི། །
པདྨའི་ཕྱག་ནི་རྣམ་པར་བརྒྱན་མ། །
སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ། །
བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ། །
ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །
མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ། །
མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །
རྒྱལ་བའི་སྲས་ཀྱི་ཤིན་ཏུ་བསྟེན་མ། །
ཕྱག་འཚལ་ཏུཏྟཱ་ར་ཧཱུཾ་ཡི་གེས། །
འདོད་དང་ཕྱོགས་དང་ནམ་མཁའ་གང་མ། །
འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ། །
ལུས་པ་མེད་པར་འགུགས་པར་ནུས་མ། །
ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ། །
རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ། །
འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང༌། །
གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ། །
ཕྱག་འཚལ་ཏྲད་ཅེས་བྱ་དང་ཕཊ་ཀྱིས། །
ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ། །
གཡས་བསྐུམས་གཡོན་བརྐྱང་ཞབས་ཀྱིས་མནན་ཏེ། །
མེ་འབར་འཁྲུགས་པ་ཤིན་ཏུ་འབར་མ། །
ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་པོ། །
བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ། །
ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད། །
དགྲ་བོ་ཐམས་ཅད་མ་ལུས་གསོད་མ། །
ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །
སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ། །
མ་ལུས་ཚོགས་ཀྱི་འཁོར་ལོས་བརྒྱན་པའི། །
རང་གི་འོད་ཀྱི་ཚོགས་རྣམས་འཁྲུག་མ། །
ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི། །
དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ། །
བཞད་པ་རབ་བཞད་ཏུཏྟཱ་ར་ཡིས། །
བདུད་དང་འཇིག་རྟེན་དབང་དུ་མཛད་མ། །
ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །
ཐམས་ཅད་འགུགས་པར་ནུས་མ་ཉིད་མ། །
ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུཾ་གིས། །
ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ། །
ཕྱག་འཚལ་ཟླ་བའི་དུམ་བུའི་དབུ་རྒྱན། །
བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། །
རལ་བའི་ཁྲོད་ན་འོད་དཔག་མེད་ལས། །
རྟག་པར་ཤིན་ཏུ་འོད་རབ་མཛད་མ། །
ཕྱག་འཚལ་བསྐལ་པའི་ཐ་མའི་མེ་ལྟར། །
འབར་བའི་ཕྲེང་བའི་དབུས་ན་གནས་མ། །
གཡས་བརྐྱངས་གཡོན་བསྐུམས་ཀུན་ནས་བསྐོར་དགའི། །
དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ། །
ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི །
མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ། །
ཁྲོ་གཉེར་སྤྱན་མཛད་ཡི་གེ་ཧཱུཾ་གིས། །
རིམ་པ་བདུན་པོ་རྣམས་ནི་འགེམས་མ། །
ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །
མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ། །
སྭཱ་ཧཱ་ཨོཾ་དང་ཡང་དག་ལྡན་པས། །
སྡིག་པ་ཆེན་པོ་འཇོམས་པ་ཉིད་མ། །
ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། །
དགྲ་ཡི་ལུས་ནི་རབ་ཏུ་འགེམས་མ། །
ཡི་གེ་བཅུ་པའི་ངག་ནི་བཀོད་པའི། །
རིག་པ་ཧཱུཾ་ལས་སྒྲོལ་མ་ཉིད་མ། །
ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས། །
ཧཱུཾ་གི་རྣམ་པའི་ས་བོན་ཉིད་མ། །
རི་རབ་མན་དྷ་ར་དང་འབིགས་བྱེད། །
འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ། །
ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །
རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ། །
ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེས། །
དུག་རྣམས་མ་ལུས་པ་ནི་སེལ་མ། །
ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །
ལྷ་དང་མིའམ་ཅི་ཡིས་བསྟེན་མ། །
ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱིས། །
རྩོད་དང་རྨི་ལམ་ངན་པ་སེལ་མ། །
ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །
སྤྱན་གཉིས་པོ་ལ་འོད་རབ་གསལ་མ། །
ཧ་ར་གཉིས་བརྗོད་ཏུཏྟཱ་ར་ཡིས། །
ཤིན་ཏུ་དྲག་པོའི་རིམས་ནད་སེལ་མ། །
ཕྱག་འཚལ་དེ་ཉིད་གསུམ་རྣམ་བཀོད་པས། །
ཞི་བའི་མཐུ་དང་ཡང་དག་ལྡན་མ། །
གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས། །
འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། །
རྩ་བའི་སྔགས་ཀྱིས་བསྟོད་པ་འདི་དང༌། །
ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག །
རྗེ་བཙུན་འཕགས་མ་སྒྲོལ་མ་ཁྱེད་མཁྱེན་ནོ་།། འཇིགས་དང་སྡུག་བསྔལ་ཀུན་ལས་བསྐྱབ་ཏུ་གསོལ།།
ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ།།
རྒྱལ་ཡུམ་སྒྲོལ་མ་ཁྱེད་སྐུ་ཅི་འདྲ་དང་། འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། །
ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག
度母赞 二十一倍的温暖LRC歌词
[00:02.63]རྗེ་བཙུན་སྒྲོལ་མའི་བསྟོད་པ་བཞུགས་སོ།།--མཁན་པོ་བསོད་དར་རྒྱས།
[00:09.93]曲: 浮克
[00:14.13]ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་ཀྱི་པདྨོ་ལ་བཏུད་དེ། །
[00:17.27]ཕོངས་པ་ཀུན་ལས་སྒྲོལ་མཛད་པའི། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །
[00:22.06]༈ ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །
[00:25.84]ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །
[00:27.76]སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། །
[00:29.62]འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི། །
[00:31.41]གེ་སར་བྱེ་བ་ལས་ནི་བྱུང་མ། །
[00:33.14]ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །
[00:35.05]གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ། །
[00:36.70]སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། །
[00:38.49]རབ་ཏུ་ཕྱེ་བའི་འོད་རབ་འབར་མ། །
[00:40.30]ཕྱག་འཚལ་སེར་སྔོ་ཆུ་ནས་སྐྱེས་ཀྱི། །
[00:42.29]པདྨའི་ཕྱག་ནི་རྣམ་པར་བརྒྱན་མ། །
[00:44.07]སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ། །
[00:45.97]བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ། །
[00:47.74]ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །
[00:49.57]མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ། །
[00:51.25]མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །
[00:53.02]རྒྱལ་བའི་སྲས་ཀྱི་ཤིན་ཏུ་བསྟེན་མ། །
[00:54.99]ཕྱག་འཚལ་ཏུཏྟཱ་ར་ཧཱུཾ་ཡི་གེས། །
[00:56.74]འདོད་དང་ཕྱོགས་དང་ནམ་མཁའ་གང་མ། །
[00:58.41]འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ། །
[01:00.30]ལུས་པ་མེད་པར་འགུགས་པར་ནུས་མ། །
[01:02.11]ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ། །
[01:04.02]རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ། །
[01:05.76]འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང༌། །
[01:07.73]གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ། །
[01:09.41]ཕྱག་འཚལ་ཏྲད་ཅེས་བྱ་དང་ཕཊ་ཀྱིས། །
[01:11.21]ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ། །
[01:12.93]གཡས་བསྐུམས་གཡོན་བརྐྱང་ཞབས་ཀྱིས་མནན་ཏེ། །
[01:15.14]མེ་འབར་འཁྲུགས་པ་ཤིན་ཏུ་འབར་མ། །
[01:16.93]ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་པོ། །
[01:18.77]བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ། །
[01:20.57]ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད། །
[01:22.39]དགྲ་བོ་ཐམས་ཅད་མ་ལུས་གསོད་མ། །
[01:24.22]ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །
[01:25.92]སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ། །
[01:27.69]མ་ལུས་ཚོགས་ཀྱི་འཁོར་ལོས་བརྒྱན་པའི། །
[01:29.61]རང་གི་འོད་ཀྱི་ཚོགས་རྣམས་འཁྲུག་མ། །
[01:31.43]ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི། །
[01:33.31]དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ། །
[01:35.01]བཞད་པ་རབ་བཞད་ཏུཏྟཱ་ར་ཡིས། །
[01:36.89]བདུད་དང་འཇིག་རྟེན་དབང་དུ་མཛད་མ། །
[01:38.69]ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །
[01:40.54]ཐམས་ཅད་འགུགས་པར་ནུས་མ་ཉིད་མ། །
[01:42.28]ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུཾ་གིས། །
[01:44.09]ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ། །
[01:45.95]ཕྱག་འཚལ་ཟླ་བའི་དུམ་བུའི་དབུ་རྒྱན། །
[01:47.65]བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། །
[01:49.29]རལ་བའི་ཁྲོད་ན་འོད་དཔག་མེད་ལས། །
[01:51.33]རྟག་པར་ཤིན་ཏུ་འོད་རབ་མཛད་མ། །
[01:53.19]ཕྱག་འཚལ་བསྐལ་པའི་ཐ་མའི་མེ་ལྟར། །
[01:55.04]འབར་བའི་ཕྲེང་བའི་དབུས་ན་གནས་མ། །
[01:56.72]གཡས་བརྐྱངས་གཡོན་བསྐུམས་ཀུན་ནས་བསྐོར་དགའི། །
[01:59.03]དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ། །
[02:00.93]ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི །
[02:02.93]མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ། །
[02:04.88]ཁྲོ་གཉེར་སྤྱན་མཛད་ཡི་གེ་ཧཱུཾ་གིས། །
[02:06.78]རིམ་པ་བདུན་པོ་རྣམས་ནི་འགེམས་མ། །
[02:08.50]ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །
[02:10.63]མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ། །
[02:12.26]སྭཱ་ཧཱ་ཨོཾ་དང་ཡང་དག་ལྡན་པས། །
[02:14.05]སྡིག་པ་ཆེན་པོ་འཇོམས་པ་ཉིད་མ། །
[02:15.93]ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། །
[02:17.65]དགྲ་ཡི་ལུས་ནི་རབ་ཏུ་འགེམས་མ། །
[02:19.54]ཡི་གེ་བཅུ་པའི་ངག་ནི་བཀོད་པའི། །
[02:21.32]རིག་པ་ཧཱུཾ་ལས་སྒྲོལ་མ་ཉིད་མ། །
[02:23.18]ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས། །
[02:24.98]ཧཱུཾ་གི་རྣམ་པའི་ས་བོན་ཉིད་མ། །
[02:26.74]རི་རབ་མན་དྷ་ར་དང་འབིགས་བྱེད། །
[02:28.56] འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ། །
[02:30.41]ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །
[02:32.20]རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ། །
[02:34.05]ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེས། །
[02:35.88]དུག་རྣམས་མ་ལུས་པ་ནི་སེལ་མ། །
[02:37.72]ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །
[02:39.49]ལྷ་དང་མིའམ་ཅི་ཡིས་བསྟེན་མ། །
[02:41.25]ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱིས། །
[02:43.08]རྩོད་དང་རྨི་ལམ་ངན་པ་སེལ་མ། །
[02:44.90]ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །
[02:46.69]སྤྱན་གཉིས་པོ་ལ་འོད་རབ་གསལ་མ། །
[02:48.47]ཧ་ར་གཉིས་བརྗོད་ཏུཏྟཱ་ར་ཡིས། །
[02:50.33]ཤིན་ཏུ་དྲག་པོའི་རིམས་ནད་སེལ་མ། །
[02:52.05]ཕྱག་འཚལ་དེ་ཉིད་གསུམ་རྣམ་བཀོད་པས། །
[02:53.90]ཞི་བའི་མཐུ་དང་ཡང་དག་ལྡན་མ། །
[02:55.65]གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས། །
[02:57.53]འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། །
[02:59.53]རྩ་བའི་སྔགས་ཀྱིས་བསྟོད་པ་འདི་དང༌། །
[03:00.77]ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག །
[03:08.45] རྗེ་བཙུན་འཕགས་མ་སྒྲོལ་མ་ཁྱེད་མཁྱེན་ནོ་།། འཇིགས་དང་སྡུག་བསྔལ་ཀུན་ལས་བསྐྱབ་ཏུ་གསོལ།།
[03:20.14]ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ།།
[03:37.06]རྒྱལ་ཡུམ་སྒྲོལ་མ་ཁྱེད་སྐུ་ཅི་འདྲ་དང་། འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། །
[03:39.54]ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག