藏堂-伪装的爱 贡觉ft措珍 作词 : 藏堂 作曲 : 藏堂 混音:洛绒益西 ངའི་བརྩེ་ས་ཅིག་ལས་མེད། ངའི་སེམས་ནང་ཁྱེད་ལས་མེད། ངའི་བློ་གཏད་བཅོལ་ས་བྱམས་པ་ཁྱེད། དུས་ད་ལྟ་གང་དུ་ཡོད། x2 VERSE 1 བརྩེ་དུང་དེ་ཆོབ་ཚ་ལ། རང་མི་ངའི་ཙར་ལ་ཡོད་ནས་སེམས་ངའི་ཙར་ལ་མེད། མཉམ་དུ་སྡད་ནས་ཆོ་མེད་སྐྱིད་པོ་མེད། བྱེད་ཙམ་ཁ་བྲལ་ན་དགའ་ཡོང་། སོ་སོའི་བདེ་སྐྱིད་ལམ་དེར་སོ་སོས་ཕྱིན་ན་དགའ་ཡོང་། དུས་ཞིག་ནམ་ཞིག་ངས་ཁྱེད་རང་གལ་ལས་བརྗེད་ཡོང་། ཕྱིན་པའི་དུས་ཚོད་ནང་ལ་ཁྱེད་མཇལ་མེད་ན་བསམ་བྱུང་། BABY དེ་སྔོན་མི་གཉིས་འཛམ་གླིང་ད་ལྟ་མི་གཅིག སྐྱིད་པོ་དང་སྡུག་པོ་གང་འདྲ་བྱུང་ནས་སྐྱལ་བཞིན་པའི་འཚོ་བ་ཅིག ངེད་གཉིས་བར་གྱི་གནས་ཚུལ་ཁ་ཤས་བཤད་མ་ཤེས་པའི་འགྱོད་པ་རེད་པས། ཁ་པར་འཁྱེར་གྱི་རྒྱབ་རྩིས་བྱེད་པས། བསམ་བློ་གཏང་དེ་མར་བཞག་པས། དགའ་པོ་ཡོད་ཟེར་སྙིང་གཏམ་བཤད་པ། དམ་བཅའ་བཞག་ནས་གནའ་དེ་ཟས་པ། བརྩེ་སེམས་བཅངས་ཡོད་གུས་སྐབས་སྤྲད་ཡོད་འགྲེལ་བཤད་རྒྱག་པས་ཁ་པར་མེད་པ། ལྟེ་མོ་ནང་བཞིན་འགོ་དེ་བཙུགས་ནས་མིག་ཆུ་ནང་ནས་མཐའ་མ་འཇུག་སྦྲིལ། གསལ་པོ་བཤད་པས། ལག་སློད་པས། སེམས་ཐག་གཅད་ནས་བརྗེད་རྒྱུ་བྱེད་པས། ངའི་བརྩེ་ས་ཅིག་ལསམེད། ངའི་སེམས་ནང་ཁྱེད་ལས་མེད། ངའི་བློ་གཏད་བཅོལ་ས་བྱམས་པ་ཁྱེད། དུས་ད་ལྟ་གང་དུ་ཡོད། x2 VERSE 2 BABY WHATS UP གསན་དང། ང་སངས་རྒྱས་མིན་པ། ཁོང་ནང་བཞིན་ཁོག་རྒྱ་ཆེན་པོ་མེད་གདའ། མི་ལུས་ལེན་སྟངས་ཅིག་པ་ཡིན་པ། བྱེད་ཙང་ང་གཤིས་ཀ་ཡོད་པའི་མི་ཞིག་ཡིན་གདའ། ཁས་སང་ཁ་ཉིན་ངས་རང་ལ་བཤད་དུས་རང་གིས་ཉན་པས། འགྲེལ་བཤད་རྒྱག་དགོས་བསམ་བྱུང་ཡིན་ནས་ཡིད་ཆེད་ཡོད་པས། ཁ་བྲལ་ཡ་རྒྱུ་མཚན་ང་མི་ཅིག་གིས་ནོར་འཕྲུལ་རེད་པས། ངས་རང་ཁ་པར་རྒྱབ་དགོས་བསམ་བྱུང་། བསམ་བློ་སེམས་ཐག་ཆོད་སོང་གཡོག་བཞག་པས། བུ་མོ་རང་ལ་དགོས་ཡ་བརྩེ་དུང་ངས་སྤྲད་ཐུབ་ས་མ་རེད། ག་ལེར་འཕེབ་གོ དུས་ད་ཆ་ངེད་གཉིས་སུས་ནོར་འཕྲུལ་ཡིན་མིན་གསལ་པོ་མི་དགོས། མཉམ་དུ་སྡད་དུས་བརྩེ་སེམས་བཅངས་ཡོད་བྱམས་པོ་བྱེད་ཡོད། སྙིང་གཏམ་བཤད་ཡོད། ཡིན་ནས་ངེད་གཉིས་ལས་ལ་དེ་མ་ཏོག་བཀོད་མེད་པ་འདྲ། ཡིན་པ་འདྲ། སེམས་ནང་གི་སྡུག་བསྔལ་དེ་ད་ལྟ་རྐུག་གཏམ་ཡིན་པ་འདྲ། སྔོན་ཆད་ཀྱི་བརྩེ་དུང་དེ་ད་ལྟ་འཇའ་དར་ཡས་པ་འདྲ། ཡིན་ནས་གལ་གེ་མི་འདུག ངས་སྨོན་ལམ་རྒྱག་ཆོག ཁྱེད་དྲོ་སྐྱིད་ལམ་ནས་ག་ལས་ག་ལས་འཕེབ་གོ ངའི་བརྩེ་ས་ཅིག་ལསམེད། ངའི་སེམས་ནང་ཁྱེད་ལས་མེད། ངའི་བློ་གཏད་བཅོལ་ས་བྱམས་པ་ཁྱེད། དུས་ད་ལྟ་གང་དུ་ཡོད། x2