同伴 作词 : འཇིགས་བྱེད་ཚེ་རིང་། 作曲 : ཐར་ཆེན། ཁྱོད་ཀྱི་འགྲོ་རོགས། གཞས་ཚིག འཇིགས་བྱེད་ཚེ་རིང་། གཞས་གདངས། ཐར་ཆེན། གཞས་པ། གནམ་མཚོ། ~ བན་སེར་མོ་དབུས་ལ་འགྲོ་ནི་ཚོ། ཁ་ཕྱིར་ཕྱིར་འཁོར་ནས་དགོན་ལ་བལྟས། དགོན་ཁྲ་མོ་ཁྱོད་ཀྱི་འགྲོ་རོགས་མིན། རྒྱབ་ཆོས་གོས་རང་གི་འགྲོ་རོགས་ཡིན། རྒྱབ་ཆོས་གོས་རང་གི་འགྲོ་རོགས་ཡིན། ~ སྨན་བུ་མོ་སློབ་གྲྭར་འགྲོ་ནི་ཚོ། ཁ་ཕྱིར་ཕྱིར་འཁོར་ནས་སྡེ་ལ་བལྟས། ཡུལ་ཕ་མ་ཁྱོད་ཀྱི་འགྲོ་རོགས་མིན། ཐབས་ཤེས་རབ་རང་གི་འགྲོ་རོགས་ཡིན། ཐབས་ཤེས་རབ་རང་གི་འགྲོ་རོགས་ཡིན། ~ སྟག་ཤར་ར་རྒྱལ་ཁམས་འགྲོ་ནི་ཚོ། ཁ་ཕྱིར་ཕྱིར་འཁོར་ནས་མཁར་ལ་བལྟས། མཁར་སྐྱ་མོ་ཁྱོད་ཀྱི་འགྲོ་རོགས་མིན། བློ་རིག་པ་རང་གི་འགྲོ་རོགས་ཡིན། བློ་རིག་པ་རང་གི་འགྲོ་རོགས་ཡིན། བློ་རིག་པ་རང་གི་འགྲོ་རོགས་ཡིན། ~