师徒情 作词 : 龙日克秀 作曲 : 民间 <རིགས་ཀྱི་ཞེན་པ་དཀར་པོ།> ཚིག གླིང་རུ་ཁུ་བྱུག དབྱངས། དམངས་ཁྲོད། གཞས་པ། ཨ་བསམ། དཔལ་ལྡན་རིན་ཆེན། ~X~ (སློབ་མ↓) འཛམ་གླིང་ཡང་རྩེར་ཆགས་པའི།། ང་ཚོ་གདོང་དམར་བོད་འདི།། ཟང་ཟིང་དུས་ཀྱི་ཁྲོད་ནས།། གསོན་པའི་རེ་བ་གང་རེད།། གྲེ་འགྱུར་ངག་གི་བདག་པོ།། ཚངས་པའི་སྲས་པོ་འདྲ་བའི།། བདག་གི་དགེ་རྒན་དམ་པ།། སློབ་བུ་ང་ལ་གསུངས་རོགས།། ~X~ (དགེ་རྒན↓) ཕུགས་བསམ་གླུ་ལ་བཅོལ་བའི།། བདག་གི་སློབ་བུ་ལོ་ལོ།། སེམས་དང་བསམ་པའི་གཏིང་ལ།། རིགས་ཀྱི་ཞེན་པ་ཡོད་དགོས།། རྒྱུད་པ་ལྷ་ལས་མཆེད་པའི།། ང་ཚོ་གདོང་དམར་བོད་འདི།། རིགས་ཀྱི་ཞེན་པ་དཀར་པོས།། ཡུན་ནས་ཡུན་དུ་འཚོ་དགོས།། ~X~ (དགེ་རྒན↓) སྦྱངས་པའི་ཡོན་ཏན་ཡོད་ཀྱང་།། རིགས་ལ་ཞེན་པ་མེད་ན།། གདོང་དམར་བོད་པ་ཚང་གི། རིགས་ཀྱི་རྒྱུད་པ་མི་འོང་།། (སློབ་མ↓) དགེ་རྒན་བཀའ་དྲིན་ཅན་པོའི།། རིན་ཆེན་གསུང་གི་བདུད་རྩི།། སློབ་བུ་ང་ཡི་སེམས་ནས།། ནམ་ཡང་བརྗེད་པར་མི་སྲིད།། (མཉམ་ལེན↓) ཁ་བ་གངས་ཅན་ལྗོངས་ཀྱི།། ཕུ་ནུ་མིང་སྲིང་རྣམ་པ།། གདོང་དམར་བོད་པ་ཚང་གི། རིགས་ཀྱི་རྒྱུད་པ་གཟུང་འགྲོ། ཁ་བ་གངས་ཅན་ལྗོངས་ཀྱི།། ཕུ་ནུ་མིང་སྲིང་རྣམ་པ།། གདོང་དམར་བོད་པ་ཚང་གི། རིགས་ཀྱི་རྒྱུད་པ་གཟུང་འགྲོ། གདོང་དམར་བོད་པ་ཚང་གི། རིགས་ཀྱི་རྒྱུད་པ་གཟུང་འགྲོ། ~X~