离乡 作词 : ANU 作曲 : ANU 音乐制作人:旦旦 ༺ ཡུལ་ནས་ཡོང་དུས། ཚིག ཨ་ནུ་རིང་ལུགས། དབྱངས། ཨ་ནུ་རིང་ལུགས། གཞས་པ། ཨ་ནུ་རིང་ལུགས། སྒྲིག་སྦྱོར་བ། བྱ་མདོ་དཔལ་མགོན་ཚེ་རིང་། གླེང་མོལ། ༥༩༦༩༤༢༠༣༧ ࿄ ࿄ ࿄ ང་དང་པོ་ཡུལ་ནས་ཡོང་དུས་ན།། དྲིན་ཕ་མར་སེམས་པ་འཁྲེང་ནས་ཡོང་།། ངས་ཕ་མ་མ་དྲན་མ་ཟེར་རོགས།། ལུས་སོང་ཡང་སེམས་པ་ཡུལ་ལ་ལུས།། བྱ་ཁུ་ལོ་ལྷོ་ནས་སླེབས་དུས་དང་།། བུ་ང་ཡི་བསམ་དོན་འགྲུབ་པའི་དུས།། རོགས་ཡུལ་གྱར་འཁྱམ་པོ་ངེད་གཉིས་ཀྱང་།། དྲིན་ཕ་མ་བསམ་ནས་ཡུལ་ལ་ཡོང་།། ཨ་རོགས་ལགས། ཡར་འགྲོའི་རོགས། རོགས་ཡུལ་གྱར་འཁྱམ་པོ་ངེད་གཉིས་ཀྱང་།། དྲིན་ཕ་མ་བསམ་ནས་ཡུལ་ལ་ཡོང་།། ང་ད་ནངས་ཡུལ་ནས་ཡོང་དུས་ན།། སྨན་བུ་མོའི་བརྩེ་བ་ཐོགས་ནས་ཡོང་།། ངས་བྱམས་པ་མ་བསམ་མ་ཟེར་རོགས།། ལུས་རྒྱང་ལ་ཆས་ཀྱང་སེམས་པ་ལུས།། རྩི་མེ་ཏོག་སྤང་ལ་འཁྲུངས་པ་དང་།། སྨན་བུ་མོའི་ལང་ཚོ་མ་ཡལ་གོང་།། རོགས་ཁྲ་ཆུང་སྦྲང་མ་ངེད་གཉིས་ཀྱང་།། གླུ་སྙན་མོ་ལེན་བཞིན་རྒྱང་ནས་ཡོང་།། ཨ་རོགས་ལགས། ཡར་འགྲོའི་རོགས། རོགས་ཁྲ་ཆུང་སྦྲང་མ་ངེད་གཉིས་ཀྱང་།། གླུ་སྙན་མོ་ལེན་བཞིན་རྒྱང་ནས་ཡོང་།། ཨ་རོགས་ལགས། ཡར་འགྲོའི་རོགས། རོགས་ཁྲ་ཆུང་སྦྲང་མ་ངེད་གཉིས་ཀྱང་།། གླུ་སྙན་མོ་ལེན་བཞིན་རྒྱང་ནས་ཡོང་།། གླུ་སྙན་མོ་ལེན་བཞིན་རྒྱང་ནས་ཡོང་།།